资讯 / 正文
【控辍保学】宣传资料(汉藏双语)
控辍保学宣传资料
一、控辍保学
九年义务教育,是国家统一实施的所有适龄儿童少年必须接受的教育,是孩子监护人必须履行的义务,也是各级政府予以保障的基础性、公益性事业。为保障每个孩子接受义务教育的权利和完成义务教育义务,请全体师生、家长朋友认真学习以下宣传材料。
二、什么是“控辍保学”?
“控辍保学”就是坚决实施我国的九年义务教育,控制处于接受义务教育阶段的学生辍学、流失,保证适龄儿童和少年入学就读,接受完整义务教育。
三、什么是义务教育?
义务教育是国家统一实施的所有适龄儿童、少年必须接受的教育,是国家必须予以保障的公益性事业。凡具有中华人民共和国国籍的适龄儿童、少年,不分性别、民族、种族、家庭财产状况、宗教信仰等,依法享有平等接受义务教育的权利,并履行接受义务教育的义务。接受义务教育是适龄儿童、少年的权利,也是义务,是必须做的事情。
四、什么是适龄儿童、少年?
《中华人民共和国义务教育法》规定,凡年满六周岁的儿童,不分性别、民族,都必须入学接受义务教育,其父母或者其他法定监护人应当送其入学接受并完成义务教育,条件不具备的地区的儿童,可以推迟到七周岁。适龄儿童、少年因身体状况需要延缓入学或者休学的,其父母或者其他法定监护人应当提出申请,由当地乡镇人民政府或者县级人民政府教育行政部门批准。
五、义务教育是多少年?
我国实行九年义务教育制度,包括小学6年、初中3年,义务教育一共9年。阿坝州义务教育阶段,实施“三免两补”政策,即免学杂费、免费提供教科书、免作业本费、提供生活补助、提供营养膳食补助。
六、什么是失学辍学?
失学是指适龄儿童从未进入学校就读;辍学是指适龄儿、童少年已进入学校就读中途退学。疑似辍学是指适龄儿童、少年无正当原因未到校上课超过1个星期未满1个月;辍学是指疑似辍学期间,经过劝返尚未复学。
七、残疾儿童少年入学有哪些规定?
对生活能自理、有学习能力的残疾儿童,应当在特殊学校就读,或在当地学校按照就近入学原则安排随班就读。重度残疾须护理,但有学习能力的儿童少年,应申请当地学校送教上门。完全无学习能力的残疾儿童,监护人应当向当地乡镇人民政府提出免学申请。不能让一个有学习能力的儿童少年因残失学。
八、父母或监护人对于未成年人的义务教育应承担什么职责?
《中华人民共和国义务教育法》规定:适龄儿童、少年的父母或监护人应当依法保证其按时入学接受并完成义务教育。适龄儿童、少年的父母或监护人无正当理由未依法送适龄儿童、少年入学接受义务教育的,由当地政府、教育行政部门给予批评教育,责令限期改正。
九、控辍保学“八包”责任制和“六长”责任制是什么?
“八包”责任制:县(市)级领导包乡镇、乡镇干部包村、村干部包村民小组、组干部包户、教育局班子包学校、学校校长包年级、班主任包班、科任教师包人的责任制。
“六长”责任制:县(市)长、教育局局长、乡(镇)长、村长、校长、家长分层签订控辍保学目标责任书的责任制。
十、对适龄儿童、少年不入学接受义务教育的,可采取哪些处罚措施?
《中华人民共和国义务教育法》规定:除因疾病或特殊情况,经当地人民政府批准的以外,适龄儿童、少年不入学接受义务教育的,由当地人民政府对他的父母或者监护人批评教育,并采取措施责令送子女或被监护人入学接受义务教育,必要时可司法强制。
十一、对招用适龄儿童、少年就业的组织或个人,可以怎样处罚?
《中华人民共和国义务教育法》规定:对招用适龄儿童、少年就业的组织和个人,由当地人民政府给予批评教育,情节严重的,可以处以罚款,责令停止营业或吊销营业执照。
十二、义务教育学校在控辍保学中应该怎么做?
严格实行学生学籍信息化管理,规范学籍建立和变动手续。协助乡镇建立完善义务教育阶段适龄儿童少年数据库。健全学生失学、辍学、复学书面登记报告制度,加强家校联系,发现学生逃学旷课、存在监护缺失或不良行为的,及时与其父母或其他法 定监护人取得联系,做好辍学学生劝返复学工作。贯彻落实“双减”政策,加强教学研究,千方百计提升教育教学质量,不断增强学校吸引力。落实各项资助政策,加大单亲家庭子女、留守儿 童和残疾儿童少年等特殊群体学生关爱力度,为不能到校学习的残疾儿童送教上门。
十三、家长在控辍保学中应该怎么做?
家长作为孩子的法定监护人,要为自己的孩子负责、为孩子的未来着想。要为孩子把好人生航向,让孩子认识到读书的重要性,切实履行自己的责任和义务,努力为孩子创造良好、和睦、文明的家庭环境,让他们顺利完成九年义务教育,坚决不让孩子失学辍学。作为家长,可以从以下几方面努力:
1.主动学习、增强法律意识。认真学习《中华人民共和国义务教育法》,充分认识到适龄子女不上学是违法行为,不按时送子女完成义务教育是违法行为,使子女辍学更是违法行为。依法履行法律义务,按时送子女入校就读并督促其完成九年义务教育。
2.正确引导,预防孩子辍学。家长一旦发现孩子有厌学、辍学的想法,要及时做好孩子的思想工作,并主动与其班主任联系沟通,共同做好双边教育工作,防患于未然。
3.加强管理,重视家庭教育。家长要加强对子女的管教,坚持管早、管严、管好,努力用良好的家庭教育来配合学校教育,共同为孩子的健康成长、成人成才保驾护航。家长不能把孩子往学校“一送了之”,认为送到学校就是学校和老师的事,不闻不问、不管不顾,造成在孩子的成长过程中家庭教育的缺失。希望家长朋友们主动担当,给予子女高质量的陪伴,关心子女的思想、生活和学习情况,及时了解和帮助解决子女遇到的实际困难,为完成义务教育创造良好条件。
4.示范引领,做好榜样教育。父母是孩子第一任老师,是孩子模仿和学习的榜样,不得允许或迫使未成年人外出务工。在力所能及范围内参与有益的社会活动,关心尊重家庭成员,积极倡导社会新风尚,为子女成长营造一个正向、健康、自尊、友善的成长环境。
སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུར་
འགན་ལེན་བྱེད་རྒྱུའི་སྐོར་གྱི་དྲིལ་སྒྲོག་དཔྱད་གཞིའི་ཡི་གེ
དང་པོ། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུར་འགན་ལེན་བྱེད་པ།
ལོ་དགུའི་འགན་བབས་སློབ་གསོ་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་ཚང་མས་ངེས་པར་དུ་དང་ལེན་བྱེད་དགོས་པའི་སློབ་གསོའི་ལམ་ལུགས་ཤིག་དང་། བྱིས་པའི་ཁྱིམ་བདག་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་འོས་འགན་ཞིག་ཡིན་པ་མ་ཟད། རིམ་ཁག་སྲིད་གཞུང་གིས་འགན་སྲུང་བྱེད་པའི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཅིག་ཀྱང་ཡིན། བྱིས་པའི་འགན་བབས་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་འགན་བབས་སློབ་གསོ་ལེགས་འགྲུབ་བྱ་བའི་འོས་འགན་ལ་འགན་སྲུང་བྱེད་ཆེད་དུ། དགེ་སློབ་ཡོངས་དང་ཁྱིམ་བདག་ཚང་མས་ནན་ཏན་གྱིས་གཤམ་གྱི་དྲིལ་བསྒྲགས་དཔྱད་གཞིའི་ཡི་གེ་སློབ་སྦྱོང་གནང་རོགས།
གཉིས་པ། ཅི་ཞིག་ལ་“སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུར་འགན་ལེན་བྱེད་པ”ཟེར།
“སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུར་འགན་ལེན་བྱེད་པ”ནི་རང་རྒྱལ་གྱི་ལོ་དགུའི་འགན་བབས་སློབ་གསོ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། འགན་བབས་སློབ་གསོ་དང་ལེན་བྱེད་པའི་དུས་རིམ་དུ་གནས་པའི་སློབ་མའི་སློབ་མཚམས་འཇོག་པར་ཚོད་འཛིན་བྱས་ཏེ། སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་པར་འགན་ལེན་བྱས་ནས་འགན་བབས་སློབ་གསོ་ཆ་ཚང་དང་ལེན་བྱེད་དགོས་པ་ལ་ཟེར།
གསུམ་པ། ཅི་ཞིག་ལ་འགན་བབས་སློབ་གསོ་ཟེར།
འགན་བབས་སློབ་གསོ་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་ཚང་མས་ངེས་པར་དུ་དང་ལེན་བྱེད་དགོས་པའི་སློབ་གསོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་སྲུང་བྱེད་དགོས་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཅིག་ཀྱང་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཡོད་པའི་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་ཚང་མར་ཕོ་མོ་དང་། མི་རིགས། རིགས་རྒྱུད་། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ། ཆོས་ལུགས་དད་མོས་སོགས་ལ་མི་བལྟོས་བར། ཁྲིམས་ལྟར་འདྲ་མཉམ་གྱི་འགན་བབས་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། འགན་བབས་སློབ་གསོ་དང་ལེན་བྱེད་པའི་འོས་འགན་ཡང་བསྒྲུབ་དགོས། འགན་བབས་སློབ་གསོ་དང་ལེན་བྱ་རྒྱུ་ནི་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་གྱི་ཁེ་དབང་ཡིན་ལ་འོས་འགན་ཡང་ཡིན་པས། ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན།
བཞི་བ། ཅི་ཞིག་ལ་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་ཟེར།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན། ལོ་དྲུག་ལ་སོན་པའི་བྱིས་པ་ཚང་མ་ཕོ་མོ་དང་མི་རིགས་ལ་མི་བལྟོས་པར། ངེས་པར་དུ་སློབ་གྲྭར་སོང་ནས་འགན་བབས་སློབ་གསོ་དང་ལེན་བྱ་དགོས། སློབ་ལོ་ལོན་པའི་བྱིས་པའི་ཕ་མ་དང་ཁྲིམས་བཀོད་ལྟ་སྐྱོང་མཁན་གཞན་དག་གིས་བུ་ཕྲུག་གི་འགན་བབས་སློབ་གསོ་དང་ལེན་དང་ལེགས་འགྲུབ་བྱ་དགོས་ལ། ཆ་རྐྱེན་འཛོམས་མེད་པའི་ས་ཁུལ་གྱི་བྱིས་པ་རྣམས་ལོ་བདུན་བར་སློབ་གྲྭར་འགྲོ་རྒྱུ་ནར་འགྱངས་བྱས་ཆོག སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་རྣམས་ལུས་ཕུང་གི་གནས་ཚུལ་གྱི་དབང་གིས་སློབ་གྲྭར་འགྲོ་རྒྱུ་འགོར་འགྱངས་བྱེད་པའམ་སློབ་ངལ་གསོ་དགོས་ཚེ། བྱིས་པའི་ཕ་མ་དང་ཁྲིམས་བཀོད་ལྟ་སྐྱོང་མཁན་གཞན་དག་གིས་གོང་རིམ་ལ་རེ་འདུན་ཞུ་དགོས་ཏེ། ས་གནས་སོ་སོའི་ཡུལ་ཚོའམ་གྲོང་རྡལ་མི་དམངས་སྲིད་གཞུང་དང་། ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་ནས་ཆོག་མཆན་ཐོབ་དགོས།
ལྔ་བ། འགན་བབས་སློབ་གསོ་ནི་ལོ་ག་ཚོད་ཡིན་ནམ།
རང་རྒྱལ་གྱིས་ལོ་དགུའི་འགན་བབས་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། དེའི་ནང་སློབ་ཆུང་ལོ་དྲུག་དང་དམའ་འབྲིང་ལོ་གསུམ་ཚུད་ཡོད་དེ། ཁྱོན་བསྡོམས་ལོ་དགུ་འདུས་ཡོད། རྔ་བ་ཁུལ་གྱི་འགན་བབས་སློབ་གསོའི་དུས་མཚམས་སུ། “རྩ་ཆག་གསུམ་དང་ཁ་གསབ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སློབ་ཡོན་མི་དགོས་པ་དང་། སློབ་དེབ་དང་འབྲི་དེབ་ཀྱང་རིན་མེད་མཁོ་འདོན་བྱེད་པ་མ་ཟད། འཚོ་བའི་ཁ་གསབ་སྤྲོད་པ་དང་། འཚོ་བཅུད་དང་བཟའ་བཅའི་ཐད་དུ་ཡང་ཁ་གསབ་སྤྲོད་པ་ཡིན།
དྲུག་པ། ཅི་ཞིག་ལ་སློབ་ཤོར་ཐེབས་པ་དང་སློབ་མཚམས་འཇོག་པ་ཟེར།
སློབ་ཤོར་ཐེབས་པ་ནི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་འགྲོ་མ་མྱོང་བ་ལ་ཟེར། སློབ་མཚམས་འཇོག་པ་ནི་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་བྱིས་པ་སློབ་གྲྭར་སོང་རྗེས་སློབ་མཚམས་འཇོག་པ་ལ་ཟེར། སློབ་མཚམས་འཇོག་པར་དོགས་པ་ཡོད་པ་ནི་སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་རྣམས་ལུགས་མཐུན་གྱི་རྒྱུ་རྐྱེན་མེད་པར། སློབ་གྲྭ་ནས་སློབ་སྦྱོང་མ་བྱས་པར་གཟའ་འཁོར་གཅིག་ལས་བརྒལ་ནས་ཟླ་གཅིག་གི་ཁ་མ་གང་པ་ལ་ཟེར། ཞིབ་ཕྲའི་ཐད་ནས་སློབ་མཚམས་འཇོག་པ་ནི་སློབ་མཚམས་འཇོག་བཞིན་པར་དོགས་པ་ཡོད་པའི་དུས་སུ། སླར་ཡང་སློབ་གྲྭར་འགྲོ་བར་ཁ་ཏ་བྱས་ཀྱང་སློབ་ཞུགས་བྱས་མེད་པ་ལ་ཟེར།
བདུན་པ། དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ན་ཆུང་སློབ་གྲྭར་ཞུགས་པར་གཏན་འབེབས་གང་དག་ཡོད་དམ།
འཚོ་བ་རང་རྐྱ་ཐུབ་པ་དང་། སློབ་སྦྱོང་བྱེད་ནུས་ལྡན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་རྣམས་ཀྱིས་དམིགས་བསལ་གྱི་སློབ་གྲྭ་ནས་སློབ་སྦྱོང་བྱེད་པའམ་ཡང་ན་ས་གནས་གང་རུང་དེའི་ཉེ་འགྲམ་གྱི་སློབ་གྲྭར་ཞུགས་རྒྱུའི་རྩ་དོན་ལྟར། འཛིན་གྲྭའི་རྗེས་བསྟུན་སློབ་སྦྱོང་བྱེད་དགོས་ལ། དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ངེས་པར་དུ་བདག་སྐྱོང་བྱེད་དགོས། འོན་ཀྱང་སློབ་སྦྱོང་གི་ནུས་པ་ལྡན་པའི་བྱིས་པ་དང་ན་ཆུང་རྣམས་ས་གནས་དེའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱལ་རྒྱུའི་རེ་ཞུ་བྱེད་དགོས། སློབ་སྦྱོང་བྱེད་ནུས་གཏན་ནས་མེད་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པའི་ལྟ་སྐྱོང་མཁན་གྱིས་ས་གནས་དེའི་ཡུལ་ཚོའམ་གྲོང་རྡལ་མི་དམངས་སྲིད་གཞུང་ལ་སློབ་གྲྭར་མི་འགྲོ་བའི་རེ་འདུན་ཞུ་ཆོག སློབ་སྦྱོང་གི་ནུས་པ་ལྡན་པའི་བྱིས་པ་དང་ན་ཆུང་རྣམས་ལ་དབང་པོ་སྐྱོན་ཅན་གྱི་དབང་གིས་སློབ་ཤོར་བྱེད་དུ་འཇུག་མི་རུང་།
བརྒྱད་པ། ཕ་མ་དང་ལྟ་སྐྱོང་མཁན་གྱིས་ནར་མ་སོན་པའི་བྱིས་པའི་འགན་བབས་སློབ་གསོར་འགན་འཁྲི་གང་ཞིག་འཁུར་དགོས་སམ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན། སློབ་ལོ་ལོན་པའི་བྱིས་པ་དང་ན་ཆུང་གི་ཕ་མ་དང་ལྟ་སྐྱོང་མཁན་གྱིས་ཁྲིམས་ལྟར་དུས་ཐོག་ཏུ་བྱིས་པ་སློབ་གྲྭར་བསྐྱལ་ནས་འགན་བབས་སློབ་གསོ་དང་ལེན་དང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས། སློབ་ལོ་ལོན་པའི་བྱིས་པ་དང་ན་ཆུང་གི་ཕ་མ་དང་ལྟ་སྐྱོང་མཁན་གྱིས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར། སློབ་ལོ་ལོན་པའི་བྱིས་པ་དང་ན་ཆུང་གི་འགན་བབས་སློབ་གསོ་དང་ལེན་མ་བྱས་ཚེ། ས་གནས་དེའི་སྲིད་གཞུང་དང་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སྐྱོན་བརྗོད་སློབ་གསོ་བྱས་ནས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས།
དགུ་བ། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་བར་འགན་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་དང་འགོ་འཛིན་དྲུག་གི་འགན་འཁྲིའི་ལམ་ལུགས་ནི་གང་ཡིན་ནམ།
“འགན་ལེན་བརྒྱད”ཀྱི་འགན་འཁྲིའི་ལམ་ལུགས་ནི། རྫོང་(གྲོང་ཁྱེར)རིམ་པའི་འགོ་ཁྲིད་ཀྱིས་ཡུལ་ཚོ་དང་གྲོང་རྡལ་ལ་འགན་ལེན་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པས་སྡེ་བ་ལ་འགན་ལེན་བྱེད་པ། སྡེ་བའི་ལས་བྱེད་པས་ཚོ་ཆུང་ལ་འགན་ལེན་བྱེད་པ། ཚོ་ཆུང་གི་ལས་བྱེད་པས་དུད་ཁྱིམ་ལ་འགན་ལེན་བྱེད་པ། སློབ་གསོ་ཅུས་ཀྱི་འགོ་ཁྲིད་ཚན་ཁག་གིས་སློབ་གྲྭ་ལ་འགན་ལེན་བྱེད་པ་དང་། སློབ་གྲྭའི་སློབ་གཙོ་ཡིས་སློབ་གྲྭ་ཡོངས་ལ་འགན་ལེན་བྱེད་པ། འཛིན་བདག་གིས་འཛིན་གྲྭ་ལ་འགན་ལེན་བྱེད་པ། ཁྲིད་ཚན་དགེ་རྒན་གྱིས་མི་སྒེར་ལ་འགན་ལེན་བྱེད་པ་བཅས་ཀྱི་འགན་འཁྲིའི་ལམ་ལུགས་ཡིན།
“དཔོན་དྲུག”གི་འགན་འཁྲིའི་ལམ་ལུགས་ནི་རྫོང་(གྲོང་ཁྱེར)དཔོན་དང་། སློབ་གསོ་ཅུས་ཀྱི་འགོ་ཁྲིད། ཡུལ་ཚོའི་(གྲོང་རྡལ)འགོ་ཁྲིད། སྡེ་དཔོན། སློབ་གཙོ། ཁྱིམ་བདག་བཅས་ཀྱི་རིམ་པ་དབྱེ་ནས། སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་པའི་དམིགས་ཚད་འགན་འཁྲིའི་ཡི་གེ་ལ་མིང་རྟགས་འགོད་པའི་འགན་འཁྲིའི་ལམ་ལུགས་ཡིན།
བཅུ་བ། སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་མ་ཞུགས་པར་འགན་བབས་སློབ་གསོ་དང་ལེན་མ་བྱས་ཚེ། ཆད་པ་གཅོད་ཐབས་གང་དག་སྤྱད་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན། ནད་གཞི་བྱུང་བ་དང་དམིགས་བསལ་གྱི་གནས་ཚུལ་གྱི་དབང་གིས་ས་གནས་དེའི་མི་དམངས་སྲིད་གཞུང་ལས་ཆོག་མཆན་ཐོབ་པ་ཕུད། སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་མ་ཞུགས་པར་འགན་བབས་སློབ་གསོ་དང་ལེན་མ་བྱས་ཚེ། ས་གནས་དེའི་མི་དམངས་སྲིད་གཞུང་གིས་བྱིས་པ་དེའི་ཕ་མ་དང་ལྟ་སྐྱོང་མཁན་ལ་སྐྱོན་བརྗོད་སློབ་གསོ་རྒྱག་དགོས་པ་མ་ཟད། བུ་ཕྲུག་གམ་ལྟ་སྐྱོང་བྱ་ཡུལ་སློབ་གྲྭར་སྐྱེལ་དུ་འཇུག་པའམ་འགན་བབས་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས། དགོས་ངེས་ཀྱི་སྐབས་སུ་ཁྲིམས་འཛིན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཆོག
བཅུ་གཅིག་པ། སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་ལས་མིར་བསྡུས་པའི་རྩ་འཛུགས་སམ་མི་སྒེར་ལ་ཆད་པ་ཅི་ཞིག་གཅོད་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བབས་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན། སློབ་ལོ་ལོན་པའི་བྱིས་པ་དང་ན་གཞོན་ལས་མིར་བསྡུས་བའི་རྩ་འཛུགས་དང་མི་སྒེར་ལ་ས་གནས་དེའི་མི་དམངས་སྲིད་གཞུང་གིས་སྐྱོན་བརྗོད་སློབ་གསོ་རྒྱག་རྒྱུ་དང་། ཉེས་ཚབས་ཆེ་ཚེ། དངུལ་ཆད་གཅོད་པ་དང་། ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་པའམ་ལས་གཉེར་ལག་ཁྱེར་ཕྱིར་འཐེན་བྱས་ཆོག
བཅུ་གཉིས་པ། འགན་བབས་སློབ་གསོའི་སློབ་གྲྭས་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུ་འགན་ལེན་བྱེད་པའི་ཁྲོད་དུ་ཇི་ལྟར་བྱ་དགོས།
སློབ་མའི་སློབ་ཐོ་ཆ་འཕྲིན་ཅན་དུ་འགྱུར་བའི་དོ་དམ་ལག་བསྟར་ནན་པོ་བྱས་ཏེ། སློབ་ཐོ་འཛུགས་པ་དང་འགྱུར་ལྡོག་གཏོང་བའི་འགྲོ་ལུགས་ཚད་ལྡན་དུ་གཏོང་དགོས་ལ། ཡུལ་ཚོ་དང་གྲོང་རྡལ་ལ་འགན་བབས་སློབ་གསོའི་དུས་རིམ་གྱི་སློབ་ལོ་ལོན་པའི་བྱིས་པ་དང་ན་ཆུང་གི་གཞི་གྲངས་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་རོགས་བྱ་དགོས། སློབ་ཤོར་དང་སློབ་མཚམས་འཇོག་པ། སློབ་གྲྭ་བསྐྱར་གསོ་བཅས་ཀྱི་ཡིག་ཐོག་ཐོ་འགོད་སྙན་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཁྱིམ་ཚང་དང་སློབ་གྲྭའི་བར་གྱི་འབྲེལ་བ་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་མས་སློབ་བྱོལ་བྱེད་པ་དང་ལྟ་སྐྱོང་བྱེད་མ་ཐུབ་པའམ་ཡང་ན་བྱ་སྤྱོད་ངན་པའི་རིགས་མཐོང་ཚེ། དུས་ཐོག་ཏུ་སློབ་མའི་ཕ་མ་དང་ཁྲིམས་བཀོད་ལྟ་སྐྱོང་མཁན་གཞན་དག་དང་འབྲེལ་བ་བྱས་ཏེ། སློབ་མཚམས་བཞག་པའི་སློབ་མ་སླར་ཡང་སློབ་ཞུགས་བྱ་རྒྱུར་ཁ་ཏ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་དགོས། “ཉུང་གཏོང་གཉིས”ཀྱི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་པ་དང་། སློབ་ཁྲིད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། ཐབས་བརྒྱ་ཇུས་སྟོང་གིས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་ནས། སློབ་གྲྭའི་སློབ་སྦྱོང་གི་འགུག་ཤུགས་ཆེ་རུ་གཏོང་དགོས། རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས། ཕ་མ་ཡ་གཅིག་ཅན་གྱི་ཁྱིམ་ཚང་གི་བུ་ཕྲུག་དང་། གཞིས་ལུས་བྱིས་པ། དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ན་ཆུང་སོགས་དམིགས་བསལ་ཚོགས་སྤྱིའི་སློབ་མ་ལ་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་གྲྭར་འགྲོ་མི་ཐུབ་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་རྣམས་ལ་ཁྱིམ་དུ་སློབ་གསོ་སྐྱེལ་དགོས།
བཅུ་གསུམ་པ། ཁྱིམ་བདག་གིས་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུར་འགན་ལེན་བྱེད་པའི་ཁྲོད་དུ་ཇི་ལྟར་བྱ་དགོས།
ཁྱིམ་བདག་ནི་ཕྲུ་གུའི་ཁྲིམས་བཀོད་ལྟ་སྐྱོང་མཁན་ཡིན་པའི་ངོས་ནས། རང་གི་ཕྲུ་གུ་ལ་འགན་འཁུར་དགོས་པ་དང་ཕྲུ་གུའི་མ་འོངས་པར་བསམ་བློ་གཏོང་དགོས། ཕྲུ་གུའི་མི་ཚེའི་ཁ་ཕྱོགས་ཡག་པོ་བཟོས་ནས་ཕྲུ་གུ་ལ་དཔེ་ཀློག་གི་གལ་ཆེའི་རང་བཞིན་ངོས་འཛིན་བྱེད་དུ་འཇུག་པ་དང་། རང་གི་ཕྲག་ཏུ་བབས་པའི་ཁྱིམ་བདག་གི་འགན་འཁྲི་དང་འོས་འགན་ནན་བསྒྲུབ་བྱས་ཏེ། ཕྲུ་གུ་ལ་འཆམ་མཐུན་དང་ཤེས་དཔལ་ལྡན་པའི་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་སྐྲུན་རྒྱུར་འབད་པ་བྱས་ཏེ། ལོ་དགུ་ཡི་འགན་བབས་སློབ་གསོ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་སྲུང་བྱས་ནས། ཕྲུ་གུ་ལ་སློབ་ཤོར་ཐེབས་ཏུ་མི་འཇུག་པ་དང་སློབ་མཚམས་འཇོག་ཏུ་མི་འཇུག་པར་བྱེད་དགོས། ཁྱིམ་བདག་གི་ངོས་ནས། གཤམ་གྱི་ཕྱོགས་འགའ་ནས་འབད་པ་བྱེད་ཆོག
གཅིག རང་འགུལ་ངང་སློབ་སྦྱོང་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྐོར་གྱི་བཅའ་ཁྲིམས》ལ་སློབ་སྦྱོང་ནན་ཏན་བྱས་ཏེ། སློབ་ལོ་ལོན་པའི་བུ་ཕྲུག་སློབ་གྲྭར་མི་སྐྱེལ་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། བུ་ཕྲུག་ལ་དུས་ཐོག་ཏུ་འགན་བབས་སློབ་གསོ་ལེགས་འགྲུབ་བྱེད་དུ་མི་འཇུག་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ། བུ་ཕྲུག་ལ་སློབ་མཚམས་འཇོག་ཏུ་འཇུག་པ་ནི་དེ་བས་ཀྱང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་ངོས་འཛིན་ཡག་པོ་བྱེད་དགོས། བཅའ་ཁྲིམས་ལྟར་བུ་ཕྲུག་དུས་ཐོག་ཏུ་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱལ་དགོས་པ་མ་ཟད། ལོ་དགུ་ཡི་འགན་བབས་སློབ་གསོ་ལེགས་འགྲུབ་ཡོང་བར་སྐུལ་འདེད་བྱ་དགོས།
གཉིས། ཡང་དག་པའི་སྒོ་ནས་ཁྲིད་སྟོན་བྱས་ཏེ་བྱིས་པའི་སློབ་མཚམས་འཇོག་པར་སྔོན་འགོག་བྱེད་དགོས། ཁྱིམ་བདག་གིས་བྱིས་པ་སློབ་སྦྱོང་ལ་ཞེན་པ་ལོག་པ་དང་། སློབ་མཚམས་འཇོག་པའི་བསམ་ཚུལ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་བྱིས་པ་ལ་སློབ་གསོ་ཡག་པོ་བྱེད་དགོས་པ་མ་ཟད། རང་འགུལ་ངང་འཛིན་བདག་དགེ་རྒན་དང་འབྲེལ་གཏུག་བྱས་ཏེ། ཕྱོགས་གཉིས་ཀྱིས་མཉམ་དུ་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་གནད་དོན་མི་ལེགས་པ་འབྱུང་བར་སྔོན་འགོག་བྱེད་དགོས།
གསུམ། དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་བྱ་དགོས། ཁྱིམ་བདག་གིས་བུ་ཕྲུག་ལ་དོ་དམ་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། སྔ་ཙམ་ནས་དོ་དམ་བྱེད་པ་དང་། དོ་དམ་ནན་མོ་བྱེད་པ། དོ་དམ་ཡག་པོ་བྱེད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྱིམ་ཚང་གི་སློབ་གསོ་ལ་བརྟེན་ནས་སློབ་གྲྭའི་སློབ་གསོར་གཞོགས་འདེགས་ཧུར་ཐག་བྱས་ནས། ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་ཤེས་ལྡན་པ་ཞིག་ཏུ་ཆགས་པར་མཉམ་དུ་འབད་པ་བྱེད་དགོས། ཁྱིམ་བདག་གིས་བྱིས་པ་སློབ་གྲྭར་བསྐྱལ་རྗེས་སྣང་མེད་བྱེད་མི་རུང་སྟེ། ཁྱིམ་བདག་གིས་ཕྲུ་གུ་སློབ་གྲྭར་བསྐྱལ་རྒྱུ་ནི་སློབ་གྲྭ་དང་དགེ་རྒན་གྱི་བྱ་བ་ཡིན་པར་འདོད་ནས། ཕྲུ་གུའི་སློབ་གྲྭའི་འཚོ་བར་དོ་སྣང་མ་བྱས་ཚེ། བྱིས་པའི་འཚར་ལོངས་གི་གོ་རིམ་ཁྲོད་ཁྱིམ་ཚང་གི་སློབ་གསོ་མི་འདང་བའི་སྐྱོན་ཆ་འབྱུང་སྲིད་པས། ཁྱིམ་བདག་གྲོགས་པོ་ཚོས་རང་འགུལ་ངང་འགན་འཁུར་ནས་བུ་ཕྲུག་ལ་སྤུས་ཚད་མཐོ་བའི་རོགས་རམ་བྱེད་པ་དང་། བུ་ཕྲུག་གི་བསམ་བློ་དང་འཚོ་བ། སློབ་སྦྱོང་བཅས་ཀྱི་གནས་ཚུལ་ལ་སེམས་ཁུར་བྱེད་པ། བུ་ཕྲུག་ལ་འཕྲད་པའི་དཀའ་ངལ་དངོས་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱ་རོགས་བྱས་ཏེ། འགན་བབས་སློབ་གསོ་ལེགས་འགྲུབ་ཡོང་བར་ཆ་རྐྱེན་བཟང་པོ་སྐྲུན་རྒྱུའི་རེ་བ་ཡོད།
བཞི། དཔེ་སྟོན་སྣེ་ཁྲིད་དང་། མིག་དཔེ་སློབ་གསོ་ཡག་པོ་བྱེད་དགོས། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན་ལ། བྱིས་པས་ལད་མོ་དང་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན། ནར་མ་སོན་པའི་མི་ལ་བཙན་ཤེད་ཀྱིས་ཕྱི་ནས་ལས་ཞུགས་བྱེད་དུ་འཇུག་མི་ཆོག་པར། རང་ནུས་ཅི་ལྕོགས་ཀྱིས་ཕན་ནུས་ལྡན་པའི་སྤྱི་ཚོགས་བྱེད་སྒོར་ཞུགས་ནས། ཁྱིམ་ཚང་གི་ཁོངས་མིར་སེམས་ཁུར་དང་བརྩི་འཇོག་བྱེད་པ་དང་། ཧུར་ཐག་གིས་སྤྱི་ཚོགས་ཀྱི་དར་སྲོལ་གསར་བ་དར་སྤེལ་བཏང་ནས། བུ་ཕྲུག་འཚར་ལོངས་ཡོང་བར་དྲང་ཕྱོགས་དང་། བདེ་ཐང་། རང་བརྩི་། མཛའ་མཐུན་བཅས་ཀྱི་འཚར་ལོངས་ཁོར་ཡུག་ཅིག་སྐྲུན་དགོས།
监 制丨 扎西巴措
审 核丨 云 启 龙
编 辑丨 尕桑尼玛
来 源丨 @爱玉树